ང་ཚོས་མཉམ་དུ་དཀའ་ངལ་དེར་གདོང་ལེན་བྱེད།

རྒྱལ་སྤྱིའི་གཞིས་སྤོའི་ཞབས་ཞུ་ཚོགས་པ་ (SSI) ཡི་ཏོག་དབྱིབས་གཉན་རིམས་ཀྱི་བརྒྱུད་རིམ་འདིར་ཞབས་ཞུ་ཇི་ལྟར་སྒྲུབ་བཞིན་པ།

ང་ཚོའི་ཚོགས་པ་འདི་ཉིད་སྤྱི་ཚོགས་ཀྱིས་སྣེ་འཁྲིད་བྱས་པ་ཞིག་ཡིན་སྟབས། བརྒྱུད་རིམ་འདིའི་ཁྲོད་ཕྱིའི་ཆ་ནས་རྒྱང་ཐག་རིང་པོར་ཡོད་ཀྱང་། ང་ཚོའི་ཚོགས་སྡེའི་འབྲེལ་ལམ་ཤུགས་ཆེན་པོར་གནས་རྒྱུ་དང་། ཁོངས་མི་རྣམས་ལ་རོགས་སྐྱོར་ཞུ་རྒྱུའི་ཐབས་ལམ་མུ་མཐུད་འཚོལ་ངེས་ཡིན། ཏོག་དབྱིབས་གཉན་རིམས་ཀྱི་གནས་བབ་ལ་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར། ང་ཚོའི་ཚོགས་པས་དུས་རྟག་ཏུ་ཁྱེད་རྣམས་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཤེས་བྱ་དང་གནས་ཚུལ་མཁོ་སྤྲོད་ཞུ་མུས་ཡིན།

ད་ལྟའི་ཆར་ང་ཚོས་སྔར་ལས་ལྷག་པའི་སྙིང་རྗེ་དང་མཐུན་བསྒྲིལ་གྱི་ནུས་པ་སྟོན་དགོས། ཚང་མས་མཉམ་རུམ་ཐོག་ཕན་ཚུན་བྱམས་བརྩེ་ལྡན་པའི་ངང་ནས་རང་དང་གཞན། སོ་སོའི་ཚོགས་སྡེ་སོགས་ཀྱི་བདེ་འཇགས་ལ་ཞབས་ཞུ་ཚགས་ཚུད་བསྒྲུབ་དགོས།

ཚོགས་སྡེ་ཁག་དང་། ཚོང་ཤག་གི་ཆེད་དུ་ཤེས་བྱ།

ང་ཚོས་གཉན་རིམས་འདིའི་གནས་བབ་དང་ས་ཐག་ཉེ་སར་བསྡད་པའི་ཐོག དགོས་ངེས་ཀྱི་གལ་ཆེའི་གནས་ཚུལ་རྣམས་མཁོ་སྒྲུབ་བྱས་ཏེ་ཁྱེད་རྣམས་དང་། གཉེན་ཉེ། ཆེ་ས་ནས་ཚོགས་སྡེ་ཁག་བཅས་ལ་རོགས་སྐྱོར་མུ་མཐུད་བསྐྲུན་ཐབས་བྱེད་རྒྱུ་ཡིན། འདིར་ང་ཚོས་གཉན་རིམས་འདི་དང་འབྲེལ་བའི་གནས་ཚུལ་དང་དྲྭ་མཐུད་འགའ་ཞིག་མཁོ་སྤྲོད་བྱས་ཡོད་པ་དེ་དག་བརྒྱུད། ཁྱེད་རྣམས་ལ་སྐབས་བབ་ཀྱི་གནས་ཚུལ་ཁག་འཚོལ་ཞིབ་བྱ་རྒྱུ་ཡོད་པ་ཞུས་ཡོད། ང་ཚོས་གནས་ཚུལ་དེ་དག་གང་ཐུབ་ཀྱིས་དུས་བསྟུན་ཁ་སྐོང་བྱ་རྒྱུ་ཡིན།

ཏོག་དབྱིབས་གཉན་རིམས་ཀྱི་འཕྲོད་བསྟེན་གནས་ཚུལ་དང་འབྲེལ་བའི་མྱུར་སྐྱོབ་ཁ་པར་ཨང་གྲངས།

གལ་སྲིད་ཁྱེད་རང་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་ཤེས་འདོད་པའམ་རིམས་ནད་དེའི་ནད་རྟགས་ཐོན་པ་བྱུང་ཚེ། རྒྱལ་ཡོངས་ཏོག་དབྱིབས་གཉན་རིམས་ཀྱི་འཕྲོད་བསྟེན་ཚན་པའི་མྱུར་སྐྱོབ་ཁ་པར་ཨང་གྲངས་ ༡༨༠༠ ༠༢༠ ༠༨༠ ལ་འབྲེལ་བ་བྱོས། དེར་འབྲེལ་གཏུགས་བྱས་པའི་བརྒྱུད་ཚོགས་སྡེ་སྤྱི་ལ་ཏོག་དབྱིབས་གཉན་རིམས་སྐོར་གྱི་སྤྱིར་བཏང་ཤེས་བྱ་མཁོ་སྤྲོད་བྱེད་ཀྱི་ཡོད།

རང་ཉིད་ལ་ནད་རྟགས་ཐོན་ཚེ་སྨན་ཁང་ཆེ་ཆུང་གང་ཡིན་ལ་མ་བསྐྱོད་གོང་ཁོང་ཚོར་ལན་སྤྲོད་དགོས།

ཁ་པར་དྲྭ་སྐུད་དེ་བདུན་ཕྲག་གཅིག་གི་ཉིན་རེའི་ཆུ་ཚོད་ ༢༤ ཆ་ཚང་གི་རིང་བེད་སྤྱོད་ཡོད།

ཁ་པར་གཏོང་སྐབས་སྐད་ཡིག་དང་འབྲེལ་བའི་རོགས་རམ་ཞུ་ཕྱིར་ ༡༣༡ ༤༥༠ ཐོག་འབྲེལ་བ་བྱོས།

དབུས་གཞུང་དང་། མངའ་སྡེ་གཞུང་གཉིས་ནས་སྤེལ་བའི་དུས་བསྟུན་གནས་ཚུལ་ཁག

འདིར་ཨོ་སི་ཀྲི་ལི་ལའི་དབུས་གཞུང་དང་། མངའ་སྡེ་གཞུང་གཉིས་ནས་ཏོག་དབྱིབས་གཉན་རིམས་ཀྱི་ཐོག་སྤེལ་བའི་གནས་ཚུལ་ཁག་བཀོད་ཡོད།

ཁྱེད་རང་གི་སྐད་ཡིག་ནང་ཡོད་པའི་གནས་ཚུལ་ཁག

རིག་གཞུང་དང་སྐད་ཡིག་ཐ་དད་ཀྱི་ཚོགས་སྡེ་ཁག་ལ་སོ་སོའི་རང་སྐད་ཐོག་ཡོད་པའི་ཤེས་བྱ་འགའ་ཞིག་འདིར་གསལ་ཡོད།

ཨོ་སི་ཀྲི་ལི་ཡའི་གདོད་མའི་མི་རིགས་དང་། ཀྲོ་རི་སི་ཁྲི་རེ་ཀྲི་གླིང་ཕྲན་པའི་མི་མང་དང་ཚོགས་སྡེའི་ཆེད་ཤེས་བྱ།

དམིགས་བསལ་ཨོ་སི་ཀྲི་ལི་ཡའི་གདོད་མའི་མི་རིགས་དང་། ཀྲོ་རི་སི་ཁྲི་རེ་ཀྲི་གླིང་ཕྲན་པ་ལོ་ན་ ༥༠ ཡོལ་བ། སྔར་ནས་ནད་ཚབས་ལྕི་པོ་ཡོད་བཞིན་པ་ཚོས་གཟབ་ནན་དགོས་གལ་ཆེ་བས། འདིར་གལ་ཆེའི་ཤེས་བྱ་འགའ་ཞིག་བཀོད་ཡོད།

ལྟ་ལེན་ཆོག་པའི་ཤེས་བྱ།

འདིར་དབང་པོ་སྐྱོན་ཅན་ཚོས་ད་ལྟའི་གནས་བབ་ལ་རྒྱུས་ལེན་ཐུབ་ཕྱིར་ལྟ་ལེན་ཆོག་པའི་ཤེས་བྱ་འགའ་ཡོད།

སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱལ་སྤྱིའི་གཞིས་སྤོའི་ཞབས་ཞུ་ཚོགས་པ་ (SSI) ལ་རྗེས་ཞུགས་ཀྱིས། ང་ཚོའི་ཚོགས་པ་དང་ཏོག་དབྱིབས་གཉན་རིམས་སྐོར་གྱི་དུས་བསྟུན་གསར་འགྱུར་དང་ཤེས་བྱ་ཁག་ལ་གཟིགས་རོགས།